icon caret-left icon caret-right instagram pinterest linkedin facebook twitter goodreads question-circle facebook circle twitter circle linkedin circle instagram circle goodreads circle pinterest circle

Review in Tibetan of 'In the Shadow of the Buddha' གཞིས་ལུས་བོད་མིའི་རེ་སྐུལ་སྐ&#4017

གཞིས་ལུས་བོད་མིའི་རེ་སྐུལ་སྐྱེལ་བའི་གྲིབ་མའི་འོག་གི་སངས་རྒྱས །
གཟའ་ལྷག་པ།, 23 ཕྱི་ཟླ་གསུམ་པ། 2011 Cornelius Lundsgaard, The Tibet Post International

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༣ཚེས་༢༤ཉིན།
ཨ་རིའི་རྩོམ་པ་པོ་མའི་ཊོ་ཕེ་སུ་ཊོ་ནོ་ལགས་ཀྱིས་རང་ཉིད་བོད་ནང་དུ་སྤྲོ་འཆམ་ལ་བྱིན་པའི་ལམ་བར་དུ། རྒྱ་གཞུང་གི་བཙན་གནོན་འོག་བོད་མི་ཚོས་དཀའ་སྡུག་དང་མནར་གཅོད་གང་མང་མྱོང་བཞིན་པ་ཟིན་བྲིས་སུ་ཕབ་པའི་༼གྲིབ་མའི་འོག་གི་སངས་རྒྱས༽ཞེས་པའི་དེབ་ཅིག་བརྩམས་གནང་ཡོད་འདུག

དེབ་དེའི་ནང་དུ་འདས་པའི་ལོ་རྒྱུས་ཁྲོད་ཀྱི་རིག་གནས་ཕུན་སུམ་ཚོགས་པའི་བོད་རྒྱལ་ཁབ་ཇི་ལྟར་གཏོར་བཤིག་ཏུ་བཏང་བ་དང༌། བོད་རིགས་མི་མང་གིས་རང་སྲོག་བློས་གཏོང་གིས་རང་དབང་དང་ཞི་བདེའི་ཆེད་དུ་འཐབ་རྒོལ་བྱས་པའི་དོངས་བྱུང་ལོ་རྒྱུས་སོགས་བཀོད་ཡོད་འདུག

འདས་པའི་མི་ངོ་བཅུ་གྲངས་ཀྱི་ནང་དུ། ཁོང་གིས་ཉེན་ཁ་ལ་མ་འཛེམས་པར་རྒྱ་ནག་གིས་བོད་ནང་དུ་བཙན་གནོན་དང་མནར་གཅོད་གཏོང་བཞིན་པའི་དངོས་ཡོད་གནས་སྟངས་བདེན་དཔང་དང༌། གཞིས་ལུས་བོད་མི་ཚོའི་རེ་སྐུལ་འཛམ་གླིང་མི་མང་ལ་ཤེས་སུ་འཇུག་པའི་ཆེད་དུ། དེབ་དེ་ཨ་རིའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་བོད་ནང་གི་གནས་ཚུལ་ཤེས་འདོད་མཁན་ཚང་མར་སྤྲད་ཡོད་འདུག

ནང་དོན་ཞིབ་ཕྲ་ཤེས་འདོད་ཡོད་མཁན་ཚོས་མའི་ཊོ་ཕེ་སུ་ཊོ་ནོ་ལགས་ཀྱི་དྲ་ཚིགས་ www.matteopistono.comགཟིགས་རོགས་ཞུ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་མདོར་བསྡུས་བསྒྱུར།
Be the first to comment